ནད་པ་དྲག་སྐྱེསྐྱྲེད་ཀྱི་བཅུད་ཁུ། (plasma)
བཅུད་ཁུ་(plasma པ་ལ་ཛ་མ)ཞེས་པ་ནི་ཁྲག་གི་གཤེར་གཟུགས་ཀྱི་ཆ་དེ་རེད། དེ་གཉན་རིམས་ཕོག་ཚར་བའི་མིའི་ཁྲག་གི་ནང་ནས་ལེན་གྱི་ཡོད། གཤེར་གཟུགས་དེའི་ནང་། གཉན་སྲིན་ལ་འཛིང་ཐུབ་མཁན་གྱི་ནད་འགོག་ཕྲ་གཟུགས་ཡོད་རེད། སྐབས་རེ་མི་གཞན་ལ་ནད་ཕོག་རྒྱུ་སྔོན་འགོག་གི་ཆེད་དམ། དྲག་སྐྱེད་མྱུར་དུ་ཡོང་ཆེད་དུ། བཅུད་ཁུ་འདི་སྟེསྟྱེར་གྱི་རེད།
ཁཱོ་ཝེག་སེ་(COVAX)མཐུན་ལས།
འཛམ་གླིང་ཁྱོན་ཡོངས་ལ། ཏོག་དབྱིབས་གཉན་རིམས་ ༡༩ པའི་འགོག་ཁབ་བཟོ་སྐྲུན་དང་འགྲེམས་སྤེལ་དྲང་སྙོསྙོམ་ཡོང་ཐབས་སུ་བཙུགས་པའི་རྒྱལ་སྤྱིའི་མཉམ་ལས་ཤིག
ལུག་གཞུག
འགོག་ཁབ་འཛུགས་སའི་དཔུང་མགོའི་ཤ་གནད་ལུག་གི་གཞུ་གུའི་དབྱིབས་འདྲ་བ་ཞིག
ཐུན།
སྨན་ནམ་བཟི་ལྡན་སྨན་རྫས་གཏོང་ཐེངས་རེའི་འབོར་གྲངས།
སྨན་འབོར་སྤྲོད་ནོར། (སྨན་སྤྲོད་ནོར)
སྨན་འབོར་ནོར་བ་དང་། སྨན་སྤྲོད་དུས་ཚོད་ནོར་བ། ཡང་ན་སྤྲོད་ཡུལ་གྱི་མི་ནོར་བ།
ཐོན་སྲིད་ཕན་ནུས།
ཉམས་ཞིབ་བྱེད་སྐབས་འགོག་ཁབ་ཀྱི་ཕན་ནུས་ཐོན་ཚད།
གནད་སྨིསྨྱིན་ཕན་ནུས།
དངོས་ཡོད་འཛམ་གླིང་ནང་འགོག་ཁབ་ཀྱིས་ཐོན་པའི་ཕན་ནུས།
གཉན་རིམས་རྩ་མེད།
ས་ཁུལ་བྱེ་བྲག་གི་ནང་དུ་གཉན་རིམས་ཕོག་ཚད་ཀླད་ཀོར་ཡིན་པ། དཔེར་ན། ཨོ་སི་ཊོ་ལི་ཡའི་ནང་། སིབ་བི་(Measles)རྩ་མེད་ཡིན་པ་ལྟ་བུ།
རྒྱ་ཁྱབ་རིམས་ནད།
དུས་སྐབས་གཅིག་ལ་སྤྱི་ཚོགས་ནང་རྒྱ་ཁྱབ་བམ་ཆེས་མྱུར་པོའི་ངང་ཁྱབ་པའི་རིམས་ནད། རྒྱུན་ལྡན་ལས་ནད་ཕོག་ཚད་མང་བ།
ཤུལ་མེད།
འཛམ་གླིང་ཁྱོན་ཡོངས་ལ་གཉན་སྲིན་དེ་རྩ་བ་ནས་མེད་པར་གྱུར་པ། དཔེར་ན། ལྷ་འབྲུམ་(Smallpox)ལྟ་བུ།