འགོག་ཁབ་སྤྲི་དཀར་གྱི་ཆ་ལྡན།
ནད་འབུ་ཧྲིལ་པོ་མ་ཡིན་པར་ནད་འབུའི་ཆ་ཤས་གནོད་པ་མེད་པ་(སྤྲི་དཀར་)ལྡན་པའི་འགོག་ཁབ་ལ་ཟེར། འགོག་ཁབ་འདི་བརྒྱབ་རྗེས། ང་ཚོའི་གཟུགས་པོས་སྤྲི་དཀར་དེ། ལུས་ནང་ཡོད་མི་འོས་པ་ངོ་འཕྲོད་ནས་ཁྲག་གི་གྲུབ་ཆ་ T-lymphocytes ཟེར་བ་དང་ནད་འགོག་ཕྲ་གཟུགས་བསྐྲུན་ཐུབ་ཅིང་། དེས་མ་འོངས་པར་ང་ཚོ་ནད་སྲིན་ངོ་མ་དང་འཕྲད་སྐབས་དེ་ལ་འཛིང་སྟངས་དྲན་ཐུབ་ཀྱི་ཡོད།
འགོག་ཁབ་ཀྱི་རྣམ་འགྱུར།
འགོག་ཁབ་བརྒྱབ་རྗེས་ལུས་ཐོག་ཏུ་མངོན་པའི་རྣམ་འགྱུར་གྱི་རིགས་ཤིག་སྟེསྟྱེ། དེའི་ཁོངས་སུ། ན་ཟུག་ལྡང་བ་དང་། ཁབ་རྒྱག་སར་དམར་སྨུག་ཆགས་པའམ་སྐྲང་པ་ཚུད། དེ་བཞིན་དཀའ་ལས་ཁག་པ་དང་། ཚ་བ་འཕར་བ། མགོ་ན་བ་བཅས་ཀྱང་ཡོང་སྲིད། གལ་གནད་ཆེ་བ་ཞིག་ནི། གོང་གི་རྟགས་དེ་ཚོ་ནད་འགོག་མ་ལག་གིས་ནུས་པ་ཐོན་བཞིན་པའི་རྟགས་རེད།
སྟ ངས་འཛིན་ལྷན་ཚོགས།
གཞུང་འབྲེལ་ལྷན་ཚོགས་ཤིག་སྟེསྟྱེ། འདིས་རྒྱལ་ཁབ་ནང་འགོག་ཁབ་གང་དང་གང་།
དེབ་སྐྱེལ་དང་བེད་སྤྱོད་ཆོག་མིན་ཐག་གཅོད་གནང་གི་ཡོད།རྒྱ་ཁྱབ་བེད་སྤྱོད།
སྨན་ནམ་འགོག་ཁབ་གསར་པ་རྒྱ་ཁྱབ་ཏུ་སྤྱོད་པར་ཟེར། ཏོག་དབྱིབས་གཉན་རིམས་ ༡༩ པའི་འགོག་ཁབ་ལས་གཞི་ལ་ཆ་མཚོན་ན། གོམ་རིམ་ ༡ཀ དང་། ༡ཁ། ༢ཀ། ༢ཁ། ༣ བཅས་གོམ་རིམ་སྣ་མང་འདུས་ཡོད། ཏོག་དབྱིབས་གཉན་རིམས་ ༡༩ པ་ཕོག་ན་ཉེན་ཁ་ཆེ་ཆུང་གཞི་བཟུང་། འགོག་ཁབ་སྔོན་དུ་སྡེ་ཁག་གང་དུ་བརྒྱབ་དགོས་མིན་གྱི་གོ་རིམ་བསྒྲིགས་ཡོད།
སར་སེ་ཏོག་དབྱིབས་ ༢ པ།
ཏོག་དབྱིབས་གཉན་རིམས་ ༡༩ པའི་རྐྱེན་རྩའི་ནད་སྲིད་ཀྱི་གཞུང་འབྲེལ་མིང་རེད། འདི་ཏོག་དབྱིབས་གཉན་སྲིན་ཞེས་པའི་གཉན་སྲིན་གྱི་སྡེ་ཁག་ཅིག་གི་ཁོངས་གཏོགས་རེད།
འགོག་ཟུངས་བརྟག་ཐབས།
ཁྲག་ནང་མངོན་པའི་ནད་འགོག་ཕྲ་གཟུགས་(ནད་འགོག་སྤྲི་དཀར)ཀྱི་ཚད་གཞི་འཇལ་ཐབས་ཤིག་རེད།
ཞོར་སྐྱོསྐྱོན།
འགོག་ཁབ་ལས་བྱུང་བའི་ཤུགས་རྐྱེན་འདོད་པར་མེད་པ་ཞིག་གམ་བསམ་བསམ་ལས་འདས་པ།
སྤྲི་དཀར་གྱི་གཟེར།
ཏོག་དབྱིབས་གཉན་སྲིན་གྱི་ངོས་སུ་འབུར་གཟུགས་རྣོརྣོན་པོ་མང་པོ་ཡོད་པ་དེར་སྤྲི་དཀར་གྱི་གཟེར་ཟེར། གཟེར་འདི་ཚོ་ལ་བརྟེན་ནས་གཉན་སྲིན་ཕྲ་ཕུང་ནང་འཛུལ་གྱི་ཡོད་པ་རེད།
གསོ་བཅོས་དངོས་རྫས་འཛིན་སྐྱོསྐྱོང་ཁང་། (TGA)
གསོ་བཅོས་དངོས་རྫས་འཛིན་སྐྱོང་ཁང་(TGA)ནི། ཨོ་སི་ཊོ་ལི་ཡའི་ནང་། འགོག་ཁབ་དང་སྨན་རྫས་ཀྱི་རིགས་བེད་སྤྱོད་མ་བྱས་གོང་བརྟག་དཔྱད་བྱེད་རྒྱུའི་འགན་དབང་ཡོད་པ་དེ་རེད།
ཁྲག་ལིང་ཆགས་པའི་གནས་སྟངས།
གསར་དུ་འགྲེལ་བརྗོད་བྱས་པའི་ཚབས་ཆེའི་གནས་སྟངས་ཤིག་སྟེསྟྱེ། མིའི་ཀླད་པའམ་གཟུགས་པོའི་ཆ་ཤས་སུ་རྒྱུན་མཐོང་མ་ཡིན་པའི་ཁྲག་ལིང་ཆགས་པར་ཟེར། འདི་ཁྲག་གི་ནང་གི་ག་མིག་(platelet)ཟེར་བའི་གྲུབ་ཆ་དམའ་བོར་གྱུར་པ་དང་ཡང་འབྲེལ་བ་ཡོད་པ་རེད།